雪域使者歌词
雪域使者
作曲:索肖达杰
ངོ་མཚར་ཆེ་
ལྟ་བའི་མིག་གི་དགའ་སྟོན་བརྙན་རིས་མཛེས།
ངོ་མཚར་ཆེ།
ཉན་པ་ངག་གི་འགྱུར་ཁུགས་ཕ་སྐད་མཛེས།
ནམ་མཁའི་དབྱིངས་ཀྱི་སྐར་མ་འོད་པོ་ཆེ།
དུས་གསུམ་འགྱུར་བ་སྟོན་པའི་མེ་ལོང་ཡིན།
དགའ་བྱུང་ཡོད་སྐྱིད་བྱུང་ཡོད།
དཔལ་དང་འབྱོར་པ་རྒྱས་པའི་འཕྲིན་གསར་ཡིན།
མི་རིིགས་མཐུན་སྒྲིལ་བཀྲ་ཤིས་གསེར་ཟམ་ཡིན།
ཁྱོད་ནི་ང་ཚོའི་དུས་ཀྱི་ཕོ་ཉ་ལགས།
ངོ་མཚར་ཆེ་
ལྟ་བའི་མིག་གི་དགའ་སྟོན་བརྙན་རིས་མཛེས།
ངོ་མཚར་ཆེ།
ཉན་པ་ངག་གི་འགྱུར་ཁུགས་ཕ་སྐད་མཛེས།
ཁ་བའི་ལྗོངས་ཀྱི་ཞབས་རྗེས་རླབས་པོ་ཆེ།
སྣ་ཚོགས་གཏམ་གྱི་སྒོ་མོའི་གླེང་སྟེགས་ཡིན།
དགའ་བྱུང་ལ་སྐྱིད་བྱུང་ལ།
ཡ་རབས་ལུགས་ཀྱི་ཐེམ་སྐས་ཁ་བརྡ་ཡིན།
འཛམ་གླིང་གནས་ཚུལ་མཉམ་དུ་སྒྲོག་ས་ཡིན།
ཁྱོད་ནི་ང་ཚོའི་དུས་ཀྱི་ཕོ་ཉ་ལགས།
ངོ་མཚར་ཆེ་
ལྟ་བའི་མིག་གི་དགའ་སྟོན་བརྙན་རིས་མཛེས།
ངོ་མཚར་ཆེ།
ཉན་པ་ངག་གི་འགྱུར་ཁུགས་ཕ་སྐད་མཛེས།
རྨ་འབྲིའི་རླབས་ཀྱི་ཟེགས་མ་མཚར་མོ་ཆེ།
གླུ་དང་གར་ལ་རོལ་བའི་སྟེགས་བུ་ཡིན།
དགའ་བྱུང་ལ་སྐྱིད་བྱུང་ལ།
ཆུང་ཆུང་བྱིས་པའི་མེ་ཏོག་གངས་ལྷ་ཡིན།
གངས་ལྗོངས་འཕེལ་འགྱུར་དངོས་སུ་འབྲི་ས་ཡིན།
ཁྱོད་ནི་ང་ཚོའི་དུས་ཀྱི་ཕོ་ཉ་ལགས།
ཁྱོད་ནི་ང་ཚོའི་དུས་ཀྱི་ཕོ་ཉ་ལགས།
雪域使者 lrc歌词
雪域使者